Alongside our own publications, Tib Shelf peer reviews and publishes the works of aspiring and established Tibetologists. If you would like to publish with us or request our translation services, please get in touch, our team would be pleased to help. Tib Shelf has been accredited by the British Library with the International Standard Serial Number (ISSN): 2754–1495
དེ་ཡང་རྣམ་སྣང་གངས་ཅན་མཚོའི་ཕྱག་ན་ལྷུང་བཟེད་སྤོས་ཆུས་བཀང་བའི་དབུས་སུ་དཔག་བསམ་གྱི་ལྗོན་་ཤིང་ཡལ་ག་ལྔ་པ་ཅན། ལྷོ་ཡི་ཡལ་གར་མེ་ཏོག་ལོ་འབྲས་ཀྱིས་བརྒྱན་པ་དེའི་བྱང་ཤར་གྱི་ཟེའུ་་འབྲ་ལ་ཡང་གསང་པདྨ་བཀོད་ཀྱི་གནས་ཆགས་པར་གསུངས།
གནས་དེ་ནི་ས་སྤྱོད་ཀྱི་ཞིང་ཁམས་སྟོན་པ་ཤཱཀྱའི་རྒྱལ་པོ་དང་སློབ་དཔོན་པདྨས་དངོས་སུ་བྱིན་རླབས་དང་བདེན་སྟོབས་བརྗོད་དེ། གནས་མཇལ་ཙམ་གྱིས་བསྐལ་བ་སྟོང་གི་སྒྲིབ་པ་དག་ནུས་སུ་བྱིན་གྱིས་བརླབས་ཤིང་། བསྐལ་[210]བཟང་སངས་རྒྱས་སྟོང་བྱོན་པར་ལུང་ཡང་བསྟན།
གནས་དེ་ཉིད་སྐུ་གསུམ་ལྷུན་གྱིས་གྲུབ་པའི་རྟགས་སུ་ཟུར་གསུམ་དང་ལྡན་པ། རྒྱང་ནས་བལྟས་ན་རྒྱལ་མཚན་འཛུགས་པ་དང་འདྲ་བ་ཆོས་སྐུའི་ལྷ་ཚོགས་རྣམས་བཞུགས་པའི་གནས་དང་། ཕྱོགས་བཞིར་ལུང་པ་བཞི་ལ་རྒྱུད་སྡེ་བཞིའི་ལྷ་ཚོགས་ཀྱི་བཀོད་པ་རབ་ཏུ་བཀྲ་བས་ངོ་མཚར་ཁྱད་དུ་འཕགས་པའི་ཞིང་།
དེའི་ལྷོ་ཕྱོགས་ཁྲུས་འཐུང་མྱོང་བས་ལས་སྒྲིབ་ཞི་ནུས་པའི་ཀུན་བཟང་བླ་མཚོ་དང་།
བྱང་ཤར་དུ་ཨེ་ཀ་ཛ་ཊིའི་བླ་མཚོ་དམར་ནག་རཀྟ་མེ་འོད་ཀྱི་མདོག་ཅན་དམོད་པ་ཕྲིན་ལས་ཀྱི་ལས་གང་བཅོལ་ཐོགས་མེད་དུ་འགྲུབ་པ༑
ཤར་ཕྱོགས་སུ་ཏིང་འཛིན་ཉམས་རྟོགས་ཤུགས་ཀྱིས་འཕེལ་བ་ཀུན་བཟང་ཧེ་རུ་ཀ་ཡི་སྒྲུབ་ཕུག་བདེ་ཆེན་ཀློང་ཡངས་ཞེས་པ་དང་། གཞན་ཡང་བྱིན་རླབས་ལྡན་པའི་སྒྲུབ་ཕུག་གྲངས་ལས་འདས་ཤིང་། དེ་རྣམས་སུ་སློབ་དཔོན་ཆེན་པོའི་དམ་རྫས་དང་རིན་ཆེན་གཏེར་གྱིས་བཀང་བ། གནས་མཇླ་ཙམ་གྱིས་བསྐལ་བ་སྟོང་གི་སྒྲིབ་པ་འདག་ཚུལ་སློབ་དཔོན་ཆེན་པོས་གསུངས།
དེའི་ནུབ་ཕྱོགས་སུ་རི་བོ་ཏཱ་ལ་ཞེས་རྫ་དང་སྤངས་དང་གངས་ཀྱིས་བརྒྱན་པའི་རི་བོ་ལྷུན་ཆགས་ལྟ་ན་སྡུག་པ་དཔའ་བོའི་ཁྲབ་རྨོག་གྱོན་པ་དང་འདྲ་བ། གནས་དེར་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་གིས་ཐུགས་བསྐྱེད་སྨོན་ལམ་ལས་འཁྲུངས་པ་འཇིགས་པ་བརྒྱད་དང་བཅུ་དྲུག་རྣམས་ཞི་བའི་ཁྲུས་ཆག་སྔོ་ལ་དྭངས་པ་ཡན་ལག་བརྒྱད་ལྡན་གཡས་ཕྱོགས་ཡང་གསང་ལུང་པའི་བརྒྱུད་ནས་འབབ། གཡོན་ཕྱོགས་[211]དར་བིང་ཕྱོགས་ནས་ཁྲུས་ཆབ་དཀར་པོ་ཁྲུས་འཐུང་མྱོང་བས་ཚེ་དཔལ་གཟི་བྱིན་བསྐྱེད་ནུས་པ་དང་།
གཞན་ཡང་ཤར་སྣ་ཚོགས་རྡོ་རྗེ་དཔལ་བཻའུའིགླིང་དུ་རྡོ་རྗེ་རིགས་ཀྱི་ལྷ་ཚོགས། ལྷོ་རིན་ཆེན་དགའ་འཁྱིལ་གླིང་དུ་རིན་ཆེནན་རིགས་ཀྱི་ལྷ་ཚོགས༑ ནུབ་ཌཱཀྐི་བདེ་ཆེན་གླིང་དུ་པདྨ་རིགས་ཀྱི་ལྷ་ཚོགས། བྱང་གནོད་སྦྱིན་དྲག་སྔགས་རབ་ཁྲོས་གླིང་དུ་དྲག་པོ་མཐུ་ལྡན་གྱི་ལྷ་ཚོགས་རྣམས་ཏིལ་གོང་ཁ་ཕྱེ་བ་ལྟར་བཞུགས་སོ།
གཞན་ཝང་ཤར་ཕྱོགས་སུ་རྡོར་སེམས་བླ་མཚོ་ཞི་བྱེད་རྡོ་རྗེ་ཕུག་ཏུ་སློབ་དཔོན་ཆེན་པོས་བཟོ་རིགས་ཀྱི་གཏེར་ཁ་གྲངས་མེད་པ་དང་། ལྷོ་ཕྱོགས་བཀའ་བརྒྱད་བླ་མཚོ་ཀུན་འདུས། རིན་ཆེན་ཕུག་ཏུ་གསེར་དངུལ་སོགས་དགོས་འདོད་ཀུན་འབྱུང་ནོར་བུའི་གཏེར་ཁ་གྲངས་མེད་པ་དང་། ནུབ་ཕྱོགས་པདྨ་དབང་སྡུད་བདེ་བ་མཚོར་ཚེ་སྒྲུབས་སོགས་དབང་སྡུད་ཀྱི་གཏེར་ཁ་གྲངས་མེད་དང་། བྱང་ཕྱོགས་དྲག་པོ་སྒྲུབ་ཕུག་དྲག་རྩལ་མཐུ་སྟོབས་གླིང་དུ་དྲག་པོའི་ལས་ཚོགས་མ་ལུས་པའི་གཏེར་ཁ་རྣམས་སྦས་ནས་ཡོད་པར་གསུངས།
ཡང་གསང་གནས་ཡིག་མ་རིག་མུན་སེལ་ལས།
དབུ་རྩེ་སྤྱན་གཟིགས་རྒྱལ་བ་རྒྱ་མཚོ་དང་༔ རྩ་བརྒྱུད་བླ་མ་སངས་རྒྱས་བྱང་སེམས་ཚོགས༔
ནམ་མཁའི་སྤྲིན་ཚོགས་གཏིབས་པ་ཇི་བཞིན་བཞུགས༔ རི་བོའི་སྐེད་པར་ཡི་དམ་རྒྱུད་སྡེའི་ལྷ༔ [212]
ཁ་བ་བུ་ཡུག་འཚུབས་པ་ཇི་བཞིན་དུ༔ མཐའ་བསྐོར་རྣམས་ལ་དཔའ་བོ་མཁའ་འགྲོ་དང་ཿ
ཆོས་སྲུང་ལས་བྱེད་སྐར་ལྟར་འཁྲུགས་བཞིན་བཞུགསཿ དངོས་སུ་བལྟས་ན་མིག་གིས་མི་མཐོང་བར༔
རང་བཞིན་ཐུགས་རྗེའི་ངར་སྐད་ཀྱུ་རུ་རུ༔ གཡོ་བའི་ཆུ་ཀླུང་བདུད་རྩི་འོད་ལྔ་འབར༔
ལུང་ཕུ་རྣམས་ལ་ཀུན་བཟང་ཟིལ་པ་གཡོ༔ ཀླུ་བདུད་རྡོ་རྗེ་ངེས་པར་སྐྱེ་བའི་ས༔
ཤིང་དང་ནགས་ཚལ་འཇའ་འོད་གུར་ཁྱིམ་ཕུབ༔ བྱ་རིགས་ཐམས་ཅད་གསུང་སྙན་ཆོས་སྒྲ་སྒྲོགསཿ ཞེས་དང་།
གནས་དེའི་ས་ཆུ་ཁ་ལ་ཐེབས་པས་ཀྱང་༔ ལས་ངན་སྒྲིབས་དག་བྱང་ཆུབ་ས་བོན་ཐོབ༔
གནས་དེ་ལ་འདུན་སྣ་ཁྲིད་ལམ་སྟོན་རྣམསཿ པད་འབྱུང་ང་ཡི་ཕོ་ཉ་ཡིན་པར་ངེས༔
ལམ་འཕྲང་ས་གནས་བཅོས་དང་གཙུག་ལག་ཁང་༔ གང་གིས་བཞེངས་སྐྲུན་བྱེད་པའི་མི་རྣམས་ནི༔
ཕོ་མོ་བཟང་ངན་མེད་པ་སངས་རྒྱས་ཀྱི༔ སྤྲུལ་པ་ཡིན་པར་པད་འབྱུང་ཐ་ཚིག་གོ
རྩེ་སྐོར་རི་ལ་ཨ་མི་དྷེ་ཝ་དུང་༔ བར་སྐོར་རེ་ལ་མ་ཎི་དུང་ཕྱུར་བརྒྱ༔
མཐའ་སྐོར་རེ་ལ་བཛྲ་གུ་རུ་ནིཿ གོང་གི་དེ་གཉིས་བརྒྱ་ཡི་ཆར་མི་ཕོད༔
འོད་སྣང་སྤྱན་གཟིགས་པདྨ་འབྱུང་གནས་ཀྱི༔ ཐུགས་[213]ཀྱི་གནས་མཆོག་རི་བོ་ཏཱ་ལ་ནི༔
གསང་བ་ཡང་གསང་བླ་མེད་གནས་གཅིག་ཡིན༔ དད་སྨོན་གསོལ་བ་ཐོབ་དང་རིགས་ཀྱི་བུ༔
བསླུ་བ་མེད་དོ་སྐལ་ལྡན་སྙིང་ལ་སོམས༔ གནས་བདག་སྲུང་མ་བཀའ་གཉན་འཁུ་ལྡོག་ཆེ༔
ལོག་ལྟ་ཅན་ལ་བར་ཆད་འཕྲལ་དུ་འཇུག༔ བདེ་བ་སྡུག་བསྔལ་གདམས་ཁ་མ་ནོར་ཅིག༔
བསླུ་བ་མེད་དོ་པད་འབྱུང་ཐ་ཚིག་གོ
Published: April 2022
This work is licensed under a Creative Commons Attribution-NonCommercial-NoDerivatives 4.0 International License.
Originally published in Brill's Hidden Lands in Himalayan Myth and History
མཆན།
རྒྱུ་ཆ།
བདུད་འཇོམས་གླིང་པ། ༢༠༠༩ སྦས་གནས་པདྨ་བཀོད། གནས་ཡིག་ཕྱོགས་བསྒྲིགས་རྫོགས་ལྡན་གསར་པའི་འོད་སྣང་བཞུགས་སོ། ཕྱོགས་སྒྲིག་པ། འགྱུར་མེད་རྡོ་རྗེ། རྒྱ་གར་རྡེ་ར་རྡུན། སྔ་འགྱུར་རྙིང་མ་མཐོ་སློབ། ཤོག་ངོས་ ༢༠༩–༢༡༣. BDRC W1KG6188
མཇུག་བྱང་།
ཅེས་སོགས་གསུངས་ནས་གཏེར་དུ་སྦས་པ་ཕྱིས་གྲུབ་པའི་དབང་ཕྱུག་བདུད་འཇོམས་གླིང་པའམ་རྗེ་དྲུང་བྱམས་པའི་འབྱུང་གནས་ཀྱི་གངས་རྭ་ཆེན་པོའི་མདུན་ཞོལ་ནས་སྤྱན་དྲངས་པ་ལྟར་བཀོད་པ་ལགས།།
སྦས་གནས་པདྨ་བཀོད།
སྙིང་བསྡུ།
Dudjom Lingpa presents us with a geomatic and spiritual description of the sacred land of Pemakö, hidden, majestic, and rejuvenating. As he lays out the territorial portrayal, he speaks of the abodes of masters, the dwellings of deities, and the productive power of purification. He then caps this brief work with a quote from the exceedingly secret guidebook of Dispelling the Darkness of Ignorance.
AUTHOR
TRADITION
Nyingma
PREVIOUS INCARNATIONS
SUBSEQUENT INCARNATIONS
HISTORICAL PERIOD
19th Century
TRANSLATOR
INSTITUTIONS