མུ་ནི་བཙན་པོས་རྒྱལ་སྲིད་ལོ་གཅིག་དང་ཟླ་བ་བདུན་མཛད། བསམ་ཡས་སུ་མཆོད་པའི་གཞི་བཙུགས། བོད་ཀྱི་ལྟོགས་ཕྱུག་ལན་གསུམ་མཉམ། ཡུམ་གྱིས་དུག་ཕུལ་ཏེ་གྲོངས་སོ།། [31]
དེའི་གཅུང་པོ་མཇིང་ཡོན་མུ་ཏིག་བཙན་པོའི་སྐུ་རིང་ལ། དཔལ་གྱི་བསམ་ཡས་ཤར་སྒོའི་མཚམས་སུ་རྒྱ་མཁར་རྩེ་དགུ་བཞེངས་ཤིང་། སྐར་ཆུང་རྡོ་རྗེའི་དབྱིངས་ཀྱི་དཀྱིལ་འཁོར་ཡང་བཞེངས་ནས། སྔར་ཡབ་མེས་ཀྱིས་བཞེངས་པའི་གཙུག་ལག་ཁང་ཀུན་ལ་བསྙེན་བཀུར་ཕུན་སུམ་ཚོགས་པས་མཆོད་ཅིང་། ཆོས་སྲིད་ཟུང་གི་ལུགས་སྔར་བས་བཟང་བར་བསྐྱངས་ནས་ཆོས་སྐྱོང་རྒྱལ་པོའི་རྣམ་ཐར་བཟུང་བ་དང་། རྒྱལ་པོ་རང་ཡང་ སློབ་དཔོན་སྤྱི་བོར་སྒོམ་ཞིང་། རང་ལུས་ཡི་དམ་ལྷར་གསལ་ནས་ངག་ཏུ་རྡོ་རྗེའི་བཟླས་པ་མཛད།
གཞན་ཡང་བཤད་གྲྭ། སྒོམ་གྲྭའི་བསྟན་པ་བཙུགས་ནས་དམ་པའི་ཆོས་ཁྲི་གདུགས་བརྡལ་བ་འདྲ་བར་མཛད་པ་དང་། སླར་ཡང་རྡོ་རྗེ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་ལོ་ཙཱ་ཆེན་པོ་བཻ་རོ་ཙ་ན་སོགས་ཀྱིས། གསང་སྔགས་རྡོ་རྗེ་ཐེག་པ་འབྲས་བུའི་བསྟན་པ་དར་ཞིང་རྒྱས་པར་མཛད་པ་དང་། སྔར་མེད་པའི་མདོ་དང་སྒྲ་བསྒྱུར།
རྒྱལ་པོ་དེའི་མངའ་ཐང་ཆེ་བའི་ཚད་ནི་འཛམ་གླིང་གསུམ་གཉིས་ཙམ་ཆབ་སྲིད་དུ་བསྡུས་ནས། རྒྱ་གར། རྒྱ་ནག། ལི། ཧོར་སོགས་ཀྱི་རྒྱལ་པོ་རྣམས་ཀྱང་བོད་ཀྱི་རྒྱལ་པོའི་བཀའ་ལ་གཅེས་པར་བཟུང་ནས། སོ་སོའི་ཡུལ་གྱི་འཐོན་ཁུངས དང་བསྟུན་པའི་ནོར་སྣ། དར་ཟབ། ཁ་ཟས་གཅེས་པ་རྣམས་ཀྱང་དུས་ལས་མ་འདས་པར་ཕུལ་དགོས་པ་བྱུང་ངོ་།།
དེའི་སྲས་གཅིག་འཁྲུངས་པ་མཚན་ལྡིང་ཁྲིར་གསོལ། དགུང་ལོ་བཅུ་གཅིག་ལ་ཡབ་འདས་ནས་རྒྱལ་སྲིད་ལ་མངའ་གསོལ། བཙུན་མོ་ཆེན་ཆུན་གཉིས་ལ་སྲས་མོ་བསྡོམས་པས་ལྔ་འཁྲུངས། དགེ་འདུན་གྱི་སྡེ་བཙུགས། ཡབ་མེས་ཀྱིས་བཞེངས་པའི་ལྷ་ཁང་རྣམས་ལ་ཞབས་ཏོག་རྒྱས་པར་མཛད། དགུང་ལོ་ལྔ་བཅུ་ང་ལྔ་བར་རྒྱལ་སྲིད་བཟུང་ནས་གཟུགས་སྐུ་འདས་སོ།།
[1] mu ni/ne btsan po, BDRC P2MS13215
[2] bsam yas dgon pa, BDRC G287
[3] mjing yon mu tig btsan po, BDRC P2MS13217
[4] Karchung Vajradhātu Maṇḍala (skar chung rdo rje'i dbyings)
[5] lding khri
Photo Credit: Himalayan Art Resources
Published: March 2022
མཆན།
རྒྱུ་ཆ།
དྲག་ཤོས་ཕུན་ཚོགས་དབང་འདུས། "མུ་ནི་བཙན་པོ་དང་མཇིང་ཡོན་མུ་ཏིག་བཙན་པོའི་ལོ་རྒྱུས།." འབྲུག་ཆོས་སྲིད་ཀྱི་རབས། ཤོག་ངོས་ ༣༡–༣༢. ཐིམ་ཕུག:་ འབྲུག་རྒྱལ་ཡོངས་དཔེ་མཛོད། ༢༠༠༧. BDRC MW1KG1680
མཇུག་བྱང་།
none
མུ་ནི་བཙན་པོ་དང་མཇིང་ཡོན་མུ་ཏིག་བཙན་པོའི་ལོ་རྒྱུས།
སྙིང་བསྡུ།
Giving glimpses of the Tibetan imperial period, this concise text encapsulates historical highlights of the kings—Muné Tsenpo and Mutik Tsenpo. Sons of Tri Songdetsun, the period and accounts of these two rulers are nothing but muddled, and the historical veracity ought to be taken with a grain of salt.
AUTHOR
INDIVIDUALS
PREDECESSORS
HISTORICAL PERIOD
8th Century
9th Century
INSTITUTION
TRANSLATOR
SUCCESSORS
མུ་ནི་བཙན་པོ་དང་མཇིང་ཡོན་མུ་ཏིག་བཙན་པོའི་ལོ་རྒྱུས།
Alongside our own publications, Tib Shelf peer reviews and publishes the works of aspiring and established Tibetologists. If you would like to publish with us or request our translation services, please get in touch, our team would be pleased to help. Tib Shelf has been accredited by the British Library with the International Standard Serial Number (ISSN): 2754–1495